尖扎县新闻网欢迎您!
设为首页  加入收藏  联系我们
首 页 | 党政领导 | 新闻中心 | 外媒看尖扎 | 尖扎县情 | 五彩神箭 | 民俗文化 | 尖扎视频 | 民生关注 | 综合栏目 | 经济招商 | 党的建设
青海新闻网尖扎新闻网图片新闻
尖扎县召开县委常委扩大会议 (藏文版)

  གཅན་ཚ་རྫོང་གིས་རྫོང་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དངོས་འབེབ་བཅས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

  རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབྱངས་ཅན་དང་དཔའ་བརྟན་རྒྱལ། གཡང་འབུམ་རྒྱལ་བཅས་ཀྱིས་བཀོད་པའི་གསར་འགྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་བསྟུན་ནས་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབ་བཅས་བྱེད་པའི་ཚ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད།

  ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྫོང་ཏང་ཨུའི་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན། རྨ་ལྷོ་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་རྒྱུད་སྒྲོག་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དངོས་འབེབ་བཅས་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཞང་དང་གྲོང་བརྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞང་གཙོ་དང་རྫོང་ཁོངས་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་གྲོས་ཚོགས་ལ་ཞུགས། རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་གཅན་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཁྲང་ཀྲི་ཡིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དངོས་འབེབ་བཅས་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་དང་བྱ་བ་ཀུན་གྱི་གཙོ་གནད་དུ་བཟུང་སྟེ། དམ་འཛིན་ལེགས་འཛིན་དང་སློབ་སྦྱོང་གཏིང་ཟབ་བྱས་ནས། དོན་དངོས་ཀྱི་བྱ་སྤྱོད་དང་ཏན་ཏིག་གི་བྱ་བའི་ཀུན་སྤྱོད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ནས་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བར་སྐུལ་འདེད་གཏང་དགོས་པའི་ཐད་ལ་རེ་བ་ཞིབ་མོ་བཏོན་པ་སྟེ། གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། གཉིས་ནས་རྩ་འཛུགས་ནན་མོ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་མྱུར་ཏུ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་སློང་དགོས། གསུམ་ནས་དྲིལ་སྒྲོག་རྒྱ་ཁྱབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་རེ་རེར་ཤེས་སུ་འཇུག་དགོས་པ། བཞི་ནས་སློབ་བསམ་དོན་རྟོག་དང་ཀུན་སྤྱོད་ལེགས་པོའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས། ལྔ་ནས་དངོས་གཉེར་དམ་འཛིན་བྱས་ཏེ་ལོ་ཚད་ཀྱི་དམིགས་འབེན་འོས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས་པ་བཅས་སོ།།

 
尖扎县新闻网欢迎您!
友情链接
主办:中共尖扎县委宣传部 技术支持:青海新闻网E-mail:webmaster@qhnews.com 新闻登载许可国新办[2001]55号 青ICP备08000131号